《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月30日

ཧྲན་ཏུང་རི་ཀྲའོ་ཡི་ཇ་ཞིང་དུ་ཐད་གཏོང་བས་དྲ་ཐོག་ནས་ཇ་ལོ་འཚོང་བ།

ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་གྱི་ཇ་ཞིང་མུའུ་ཁྲི་30བར་རྒྱ་བསྐྱེད་དུ་བཏང་བས། ལོ་རེར་ཇ་ཀན་མའོ་ཏུན་ཁྲི་2.1ཐོན་སྐྱེད་ཐུབ་པ་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་40ཟིན་པ། མི་ཁྲི་30ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བཅས་བྱས་པས་ཅུས་ཧྥུང་གྲོང་རྡལ་དང་། ཧོའུ་ཚུན་གྲོང་རྡལ། ཞ་ཀྲོང་གྲོང་རྡལ། ཁྲའོ་ཧོ་གྲོང་རྡལ་སོགས་ཇ་ལོའི་ཁྱད་ལྡན་གྲོང་རྡལ་ཁག་གཅིག་ཐོན་ཡོད། “རི་ཀྲའོ་ཡི་ཇ་ལོ”ཡིས་ཐོན་སྐྱེད་དང་ཕྱིར་ཚོང་གི་རྣམ་པ་རྐྱང་པ་ལས་སྒྲོལ་ཏེ་ཇའི་ཐོན་སྐྱེད་དང་། ཇའི་ཐོན་རྫས། ཇའི་རིག་གནས་བཅས་ཕན་ཚུན་འབྲེལ་མཐུད་ཀྱི་ཐོན་ལས་འཁོར་འབྲེལ་ཞིག་གྲུབ་སྟེ་ཇའི་ཐོན་ལས་འཕེལ་རྒྱས་དང་མཚོ་འགྲམ་ཡུལ་སྐོར་དང་རི་ཆུའི་ཡུལ་སྐོར་ཟུང་འབྲེལ་གྱིས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ཡོད། འདི་ནི་ཉིན་ཤས་གོང་ཧོའུ་ཚུན་གྲོང་རྡལ་ཀྲུའུ་ཡོན་སྡེ་ཁུལ་གྱི་ཇ་ཞིང་དུ་ཐད་གཏོང་བས་དྲ་གྲོགས་ཚོར་རྒྱབ་ལྗོངས་ཀྱི་ཇ་ཞིང་དང་སོ་སོའི་ཁྱད་ཆོས་ལྡན་པའི་ཇ་ལོའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།