འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའུ་དང་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕོ་ཉའི་ཚོགས་པས་མཉམ་འབྲེལ་ཐོག་གཉེར་བའི“ཨ་ཧྥེ་རི་ཁའི་ཉིན་མོའི”སྣེ་ལེན་ཚོགས་འདུ་ཚེས་25ཉིན་པེ་ཅིང་དུ་འཚོགས་པ་རེད།
ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཞའོ་ཏུང་གིས་ཨ་ཧྥེ་རི་ཁ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་བྱས་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཧ་ཅང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་གླེང་སྟེགས་ཀྱི་དབུ་ཚོགས་གཉེར་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་ཧྥེའི་འབྲེལ་བ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་འོག་གི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ཏེ་ཆུ་ཚད་དེ་བས་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་ཕོ་ཉའི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཁ་མེ་རོང་གི་གཞུང་ཚབ་ཆེ་མོ་བ་མུའུ་པཱ་ནཱ་ཡིས། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་སྐབས་གསར་པ་གྲ་སྒྲིག་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།