《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

《ཞི་ཀྲུང་ཤུན་གྱི་མཛད་དེབ(1913-2002ལོ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གུང་ཧྲའན་ཤིས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཀྲུང་ཤུན་གྱི་མཛད་དེབ(1913-2002ལོ)》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་ཚེས་25ཉིན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད།

《ཞི་ཀྲུང་ཤུན་གྱི་མཛད་དེབ(1913-2002ལོ)》ལ་ཁྱོན་དེབ་4ཡོད་པར་ཡིག་འབྲུ་ཁྲི་110ཙམ་ཟིན་གྱི་ཡོད། ལོ་རིམ་ལྟར་བསྒྲིགས་པའི་བརྩམས་ཆོས་འདིའི་ནང་དུ་བློ་མཐུན་ཞི་ཀྲུང་ཤུན་གྱི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དང་དགོངས་པ་ཕྱོགས་ཡོངས་ནས་བཀོད་པ་དེ་ལས་ཞི་ཀྲུང་ཤུན་གྱི་བླ་ན་མེད་པའི་གཤིས་རྒྱུད་དང་ཉམས་འགྱུར་གང་ལེགས་མཚོན་ཡོད། དེབ་དེ་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།