ཟླ་5ཚེས་24ཉིན། བོད་ལྗོངས་ཤེས་ལྡན་མི་སྣའི་ཐང་ཆེན་དུ་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་གཉེར་ཞིང་། ད་རེས་ཀྱི་གདན་ཞུའི་བྱེད་སྒོར་མི་སྤྱོད་ཚན་པ་ཁྱོན་53ཞུགས་ཏེ། དྲུང་ཡིག་དང་། དངུལ་གཉེར། གྲོན་བསྡུ་བ། དོ་དམ་པ། མ་བྱན་སོགས་ལས་གནས་སྣ་ཚོགས་277མཁོ་འདོན་བྱས་ཡོད་པ་རེད།
① འདི་ནི་ཟླ་5ཚེས་24ཉིན་ལས་བསྡུའི་འདུ་ཚོགས་སུ་ལས་ཀ་འཚོལ་མཁན(གཡོན)གྱིས་མི་སྤྱོད་ཚན་པར་རང་ཉིད་ཀྱི་དཔྱད་ཡིག་རྒྱོང་བཞིན་པ།
② འདི་ནི་ཟླ་5ཚེས་24ཉིན་ལས་ཀ་འཚོལ་མཁན་གྱིས་ལས་བསྡུའི་འདུ་ཚོགས་སུ་མི་སྤྱོད་ཚན་པའི་ལས་དོན་པ་དང་སྤེལ་རེས་བྱེད་བཞིན་པ།
③ འདི་ནི་ཟླ་5ཚེས་24ཉིན་ལས་ཀ་འཚོལ་མཁན་གྱིས་ལས་བསྡུའི་འདུ་ཚོགས་སུ་ལས་གནས་ཀྱི་ཆ་འཕྲིན་ལ་ལྟ་བཞིན་པ།