《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ཧྥ་ལན་ཁེ་ཧྥུའུ་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དང་ཧྥ་ལན་ཁེ་ཧྥུའི་ཀྲུང་གོའི་དུས་ཆེན་འགོ་ཚུགས་པ།

ཟླ་5ཚེས་25ཉིན་ཧྥ་ལན་ཁེ་ཧྥུའུ་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོ་མའི་མཛའ་གྲོགས་འགྲན་བསྡུར་སྐབས་དང་པོ་དང་2024ལོའི་ཧྥ་ལན་ཁེ་ཧྥུའི་ཀྲུང་གོའི་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཉེར་བ་དང་ཀྲུང་གོ་དང་། འཇར་མན། དབྱི་ཐ་ལི་སོགས་རྒྱལ་ཁབ་ཀྱི་རུ་ཁག་གིས་མཉམ་དུ་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་བྱེད་སར་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་ཀྱིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཅིང་། འདི་ནི་ཟླ་5ཚེས་25ཉིན་འཇར་མན་གྱི་ཧྥ་ལན་ཁེ་ཧྥུའུ་གྲུ་ཤན་འབྲུག་མགོ་མའི་རུ་ཁག་གིས་མེ་དབྱིན་ཧོ་གཙང་པོར་འགྲན་བསྡུར་བྱེད་བཞིན་པ།