དུས་ཡུན་ཉིན་ལྔ་ཡི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་སྐབས་ཉི་ཤུ་པ་ཟླ་5ཚེས་23ཉིན་ཧྲེན་ཀྲེན་དུ་འགོ་ཚུགས་པ་རེད། སྐབས་འདིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་ཀྱིས་རྒྱལ་སྤྱིའི་རིག་གནས་ཚོང་དོན་འགྲེམས་ཁུལ་ཐོག་མར་བཙུགས་ནས་རྒྱལ་སྤྱིའི་འགྲེམས་ཁུལ་གྱི་རྒྱ་ཁྱོན་སྐབས་གོང་མའི་སྨི་ངོས་གྲུ་3000ནས་སྐབས་འདིའི་སྨི་ངོས་གྲུ་ཁྲི་2བར་ཆེ་རུ་བཏང་བས་རྒྱལ་ཁབ་དང་ས་ཁུལ་60དང་ཕྱི་རྒྱལ་ཚོང་པ་302ཀྱིས་དྲ་ཐོག་དང་དྲ་ཕྱི་ནས་འགྲེམས་སྟོན་ལ་ཞུགས་ཤིང་། འདི་ནི་ཕྱི་རྒྱལ་ཚོང་པས་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམས་ཚོགས་སུ་སྤེལ་རེས་བྱེད་བཞིན་པ།