ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དྲུག་པ་ཁྲུང་ཆིང་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུས“ནུབ་རྒྱུད་གསར་པ་དང་། བཟོ་སྐྲུན་གསར་པ། ཞབས་འདེགས་གསར་པ”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་40དང་དེ་བཞིན་རྒྱལ་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་27གྱི་ཁེ་ལས་1700ལྷག་ཙམ་འགྲེམས་སྟོན་དང་ཚོགས་འདུར་ཞུགས་ཡོད། ད་ཐེངས་ཀྱི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཟླ་5ཚེས་26ཉིན་བར་འཚོགས་པ་རེད།
འདི་ནི་ལྟ་སྐོར་བས་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཁྲུང་ཆིང་ཅང་པེ་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།