ཧྲུའུ་ཤིང་ཡུས་ནི་སི་ཁྲོན་ཁྲེང་ཏུའུ་ཁྲུང་ཀྲོའུ་གྲོང་ཁྱེར་དབན་མའོ་ཤིན་ཤིན་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་གི་ཞིང་ལས་ལས་རིགས་ཀྱི་ཅིང་ལི་ཡིན་པ་དང་། ཁོང་གནས་སའི་མཉམ་ལས་ཁང་ནང་ཞིང་རྨོ་བ་དང་། འབྲས་ལྗང་གསོ་བ། སྨན་གཏོར་བ། བརྔ་བསྡུ་བྱེད་པ། སྲོ་སྐམ་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཚང་མ་འཕྲུལ་ཆས་ཅན་གྱི་བཀོལ་སྤྱོད་བྱེད་ཀྱི་ཡོད།
ཟླ་5པའི་ཟླ་སྟོད་ནས་ཟླ་6པ་བར། གྲོ་བརྔ་བསྡུ་བྱེད་པ་དང་ཆུ་འབྲས་འདེབས་པ་ཕུད། ཧྲུའུ་ཤིང་ཡུས་ཀྱིས་འདྲུད་འཐེན་འཁོར་ལོ་བཏང་ནས་རྨོ་འདེབས་དང་། མི་མེད་གནམ་གྲུས་ཞིང་ནང་དུ་སྨན་གཏོར་བ། མཚན་མོར་མཛོད་ཁང་ནང་སྲོ་སྐམ་བཏང་རྗེས་བསྡུས་པའི་གྲོ་ལ་ལྟ་བ། མཐའ་མ་བཏབ་པའི་འབྲས་ལྗང་ཁག་འཕྲལ་དུ་འབྲུ་འདེབས་དུད་ཚང་ལ་སྐྱེལ་རྒྱུ་བཀོད་སྒྲིག་བཅས་བྱེད་དགོས་ཀྱི་ཡོད།
ཧྲུའུ་ཤིང་ཡུས་2015ལོར་གློག་རྡུལ་ཚན་རྩལ་སློབ་ཆེན་ནས་ཐོན་ཏེ་ལས་ཀར་ཞུགས་ནས་ལོ་ཁ་ཤས་སོང་རྗེས་ལས་ཁུར་དགོངས་ཞུ་བྱས་ནས་ཞིང་པ་གསར་པ་ཞིག་ཏུ་གྱུར་པ་དང་། ད་ཆ་ཁོང་གིས་གཡོག་བྱེད་དང་ཞབས་ཞུ་བྱེད་པའི་ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་4ལྷག་ཙམ་ཟིན་གྱི་ཡོད།
↑འདི་ནི་ཧྲུའུ་ཤིང་ཡུས(གཡོན)དང་ལྗང་འཛུགས་འཕྲུལ་འཁོར་གཏོང་མཁན་གྱིས་ལྗང་འཛུགས་སྐབས་ཀྱི་དོ་སྣང་བྱེད་དགོས་རིགས་སྐོར་ཤོད་བཞིན་པ།
→ འདི་ནི་ཧྲུའུ་ཤིང་ཡུས་ཀྱིས་མཉམ་ལས་ཁང་གི་མཛོད་ཁང་ནང་སྲོ་སྐམ་གཏོང་གྲབས་ཡོད་པའི་གྲོར་ལྟ་བཞིན་པ།