འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་ཆུ་ཚོད་8པ་ཙམ་ལ། ཆུ་ཚོད་168ཙམ་ཚོད་ལྟའི་གཉེར་སྐྱོང་གི་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་བསྟུན་ནས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཀོང་ཤིས་ཧྥང་ཁྲེང་ཀང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་4པར་ཚོང་ལས་གཉེར་སྐྱོང་གི་ཆ་རྐྱེན་ལྡན་ཞིང་། འཕྲུལ་ཚན་དེ་ནས་གློག་གཏོང་འགོ་ཚུགས་པའི་ཐོག་ནས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་གི“ཧྭ་ལུང་རྟགས་ཅན་དང་པོ”ཡི་དཔེ་སྟོན་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་གྱི་ཡོད་པ་རེད།
ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་གི“ཧྭ་ལུང་རྟགས་ཅན་དང་པོའི”དཔེ་སྟོན་ལས་གྲྭའི་འཕྲུལ་ཚན་གཉིས་ཀྱི་ལོ་རེའི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་180ཟིན་པ་དང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་543.6ལྷག་ཙམ་གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1483.2ཙམ་ཉུང་དུ་སོང་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)