ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས། ཀྲུང་ཨ་ཕྱོགས་གཉིས་པོས་ཐུན་མོང་ཐོག་གྲོས་ཐག་བཅད་པ་བརྒྱུད་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ་5ཚེས་30ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས། བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཨ་རབ་ཕྱོགས་ཀྱི་ཀྲུའུ་ཞི་དང་མོ་རི་ཐ་ནི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་མཱར་ཙུའུ་ཁེ་དང་མཉམ་དུ་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་ཡིན་ཞིང་། ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ངམ་ཡང་ན་སྐུ་ཚབ་དང་དེ་བཞིན་ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད།
(ལྷ་དབང་དང་དམ་ཆོས་ཀྱིས་སྒྱུར་ཞུས་བྱས)