《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月27日

རྒྱལ་ཡོངས་སྲིད་གྲོས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུཌ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར”དམིགས་ཏེ་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཇུས་འགོད་དང་བཀོད་སྒྲིག་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཐོག་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་མཐའ་འཁྱོངས་གནང་བ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པར་མཛུབ་ཁྲིད་དང་སྐུལ་འདེད་བཏང་གནང་ཡོད། དེས་ན“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུའི”གྲོས་མོལ་སྲིད་གླེང་ལ་དམིགས་ཏེ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ཐབས་ལམ་གལ་ཆེན་དུ་བྱེད་པ་སོགས་ཀྱི་ལས་འགན་དང་བླང་བྱ་གསལ་པོ་ཤེས་པ་བྱས་ནས། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་དང་ཐབས་འདོན་ཇུས་འབུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཤུགས་བརྒྱབ་སྟེ། ཀྲུང་གོའི་རང་བརྟེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་མ་ལག་དང་། སྐད་བརྡའི་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་བརྟག་ཞིབ་དང་སྲིད་གླེང་ལ་ཤུགས་བརྒྱབ་སྟེ། ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བར་བསམ་འཆར་དང་ཐབས་ཇུས་མང་ཙམ་འདོན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་ཕན་པའི་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཤུགས་བརྒྱབ་སྟེ། ཨུ་ཡོན་གྱིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་ཨུ་ཡོན་གྱིས་འགན་འཁྲི་བསྒྲུབས་ནས“དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོར་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་གསུངས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲང་དབྱི་ཅུང་དང་། སུན་ཞུའེ་ཡུས། ཝང་ཞུན། དབྱི་ལི་ཀྲ་ཐི·ཨའེ་ཧོ་མའེ་ཐི་ཅང་། ཀྲེང་ཆན། ཀེ་ཆོན་ཧྲེང་། ཝང་མའོ་ཧུའུ། དེ་བཞིན་རིགས་གཅིག་མཁས་ཅན་ཆིང་ཅུའེ་དང་། ཀྲེང་ཏ་ཧྥ། བྱམས་པ་བཅས་ཀྱིས་གཏམ་བཤད་བྱས་ཤིང་། ཚང་མས་ཤེས་དཔལ་དང་། རིག་གནས། ཡི་གེ་བཅས་ནས་འགོ་བཙུགས་ཏེ་རྒྱུན་འཁྱོངས་ལྷོད་མེད་དང་ཤུགས་སྣོན་ཆད་མེད་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་ཐོག་ནས་སྐྲུན་དགོས་པ་དང་། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རིག་གནས་ཀྱི་མོས་སེམས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས་པ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་བཏང་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་གནང་བ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)