《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月25日

ཅང་ཤིས་ཡུས་ཏུའུ་ཡི་རྒྱལ་ཁའི་ཟམ་ཆེན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

ཅང་ཤིས་ཞིང་ཆེན་ཡུས་ཏུའུ་རྫོང་གི་རྒྱལ་ཁའི་ཟམ་ཆེན་ནི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང(ཡུས་ཏུའུ་ལམ་དུམ)འགྲེམས་སྟོན་ཁུལ་དུ་གནས་ཤིང་། ཡུས་ཏུའུ་གཙང་པོའི་སྒྲོལ་ཐག་རིང་ཤོས་དང་བར་ཞེང་ཆེ་ཤོས་ཀྱི་ཟམ་པ་ཞིག་ཡིན་པ་དེས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་རྡོག་ཐོན་བྱ་ཡུལ་དྲན་གསོ་ཁང་སོགས་གསར་བརྗེའི་ས་ཁམས་མཚོན་རྟགས་མང་པོ་ཕན་ཚུན་སྦྲེལ་ཡོད། ཟམ་པ་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས། གྲོང་མིའི་ཕྱིར་སྐྱོད་ལ་སྔར་བས་སྟབས་བདེ་བསྐྲུན་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད། འདི་ནི་ཚེས་21ཉིན་རླངས་འཁོར་ཤར་གཏོང་ཟིན་པའི་རྒྱལ་ཁའི་ཟམ་ཆེན་ཡིན་པ།