ཧུའུ་པེ་ཤང་ཡང་དུ་ གྲོ་བརྔ་བསྡུའི་ ལས་ལ་བྲེལ། དབྱར་འབྲུ་ཐོན་སྐྱེད་ནི་ལོ་འཁོར་མོའི་འབྲུ་རིགས་ཐོན་སྐྱེད་ཀྱི་དུས་ཚིགས་དང་པོ་ཡིན་པ་དང་། དབྱར་འབྲུའི་ཐོན་འབབ་ཀྱིས་ལོ་འཁོར་མོའི་འབྲུ་རིགས་ཐོན་འབབ་ཀྱི་1/4ཙམ་བཟུང་གི་ཡོད། དེ་གོང་ས་གནས་མང་པོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལོ་ཏོག་མྱུར་བསྡུའི་ལས་ཆོད་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་དབྱར་འབྲུ་མཛོད་འཇུག་འགན་ལེན་བྱས་ཏེ། ལོ་འཁོར་མོའི་འབྲུ་རིགས་ཐོན་འབབ་ལ་ལོ་ལེགས་ཡོང་བའི་རྨང་གཞི་བརྟན་དུ་བཏང་ཡོད། འདི་ནི་ཟླ་5ཚེས་22ཉིན་ཧུའུ་པེ་ཤང་ཡང་གྲོང་ཁྱེར་ཧྥེན་ཁྲེང་ཆུས་ནིའུ་ཧྲོའུ་གྲོང་རྡལ་ལིའུ་ཀོན་ཁྲུང་གྲོང་ཚོའི་གྲོ་ཞིང་ནང་ཞིང་པས་གྲོ་བརྔ་བསྡུ་བྱེད་བཞིན་པ།