འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ།“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས”ཀྱི“ཀྲུང་གོའི་བྱ་སྤྱོད”ཐེངས་དང་པོ་འགོ་ཚུགས་པ་དང་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པའི་མཛད་སྒོ་ཚེས་20ཉིན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་དང་། ས་ཁོངས། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི་30ལྷག་ཙམ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་འཐུས་མི་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད།
“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས”ཀྱི“ཀྲུང་གོའི་བྱ་སྤྱོད”ཅེས་པའི་བྱེད་སྒོ་ཐེངས་དང་པོ་དེ་ཟླ་5པའི་ཟླ་མཇུག་ཏུ་སྤེལ་འགོ་ཚུགས་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་འཐུས་མི་ཧྥུའུ་ཅན་དང་ཉིང་ཞ་སོགས་སུ་བསྐྱོད་ནས་སྤེལ་རེས་བྱས་ཏེ། འཛམ་གླིང་གི་གཞོན་ནུའི་མིག་རྒྱང་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལྟ་ཞིབ་དང་དཔང་པོ་བྱ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང“གཞོན་ནུས་འཇོན་ཐང་ངོམ། འབྱུང་འགྱུར་མཉམ་དུ་གཏོད”བརྗོད་དོན་གཙོ་བོར་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་གཞོན་ནུའི་གཙོ་འཛིན་ཁྱིམ་གཞིས”དེ་2023ལོའི་ཟླ་7པར་འཚོགས་པའི་གོ་ལ་ཧྲིལ་པོའི་མཉམ་སྤྱོད་འཕེལ་རྒྱས་བྱ་སྤྱོད་གླེང་སྟེགས་ཀྱི་རིམ་མཐོའི་ཚོགས་འདུ་སྐབས་དང་པོའི་རིང་དངོས་སུ་བཙུགས་པ་དང་དེའི་དམིགས་ཡུལ་ནི་གཞོན་ནུ་དེ་བས་མང་བ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་འབྱུང་འགྱུར་འཕེལ་རྒྱས་ལ་གསོན་ཤུགས་དེ་བས་མང་བ་སྣོན་རྒྱུ་དེ་རེད།