ཟླ་5ཚེས་18ཉིན། ཞུང(ཨན)ཧྲང(ཆིའུ)མྱུར་བགྲོད་ལྕགས་ལམ་རྨ་ཆུ་ཟམ་ཆེན་གྱི་ཧོ་ནན་ཕྱོགས་ཀྱི་ཟམ་སྒྲོམ་གཙོ་བོ་མཐུད་ནས་རྗེས་སོར་ཟམ་པ་ཆ་ཚང་ཤར་གཏོང་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དབུས་རྒྱུད་ས་ཁུལ་གྱི་བྱང་ཤར་ལྕགས་ལམ་འགྲུལ་སྐྱེལ་གྱི་བགྲོད་ལམ་གཙོ་བོའང་ཡིན། ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་རྨ་ཆུ་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་1600ཟིན་པ་དང་དེ་ནི་ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་གྱི་གྲས་ཤིག་རེད། འདི་ནི་ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་རྨ་ཆུ་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་ཧོ་ནན་ཕྱོགས་ཀྱི་ཨར་ལས་བྱ་ཡུལ་ཡིན་པ།