《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月23日

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཤིས་ལི་ཡཱ་ནུ་ཕུའུ་སི་ཁཱ་—ཏ་ཕུའུ་ཁོ་ཝ་བྱང་མ་སི་དོ་ཉི་ཡའི་ཙུང་ཐུང་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀར་ཏ་ནཱ·ཤིས་ལི་ཡཱ་ནུ་ཕུའུ་སི་ཁཱ་—ཏ་ཕུའུ་ཁོ་ཝ་ལ་གློག་འཕྲིན་བཏང་ནས་ཁོང་བྱང་མ་སི་དོ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་གྲུབ་འབྲས་ཀྱིས་དམངས་ཚོགས་ལ་ཕན་པ་ཐོབ་ཡོད། ངས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། མཁྱེན་ལྡན་མ་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་བྱང་མ་སི་དོ་ཉི་ཡའི་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།