《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

ཧང་དབུན་མྱུར་བགྲོད་ལྕགས་ལམ་ལ་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ།

ཟླ་5ཚེས་18ཉིན། ཧང་ཀྲོའུ་ནས་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ལ་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་ནས་ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་རེད། ཧང་དབུན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཚད་ཧྲིལ་པོར་སྤྱི་ལེ་260ཡོད་པ་དང་ཆུ་ཚོད་རེར་སྤྱི་ལེ་350སྐྱོད་ཀྱི་ཡོད་པ་རེད། ལྕགས་ལམ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ས་ཁོངས་ལམ་གྱི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཕྱོགས་སུ་ཐོན་པར་སྟབས་བདེ་སྐྲུན་པ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་ཧང་དབུན་མྱུར་བགྲོད་ལྕགས་ལམ་གྱི་ཞིབ་དཔྱད་ཚད་ལེན་མེ་འཁོར་ཧྲན་ཤིང་ཡན་ཕུག་ལམ་ནས་དོན་བཞིན་པ།