《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་བཏང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ནུས་ལྡན་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཏུང་ཧུང་ལེང་དང་སུང་ཁྲའོ་ཅུན།

ཟླ་5ཚེས་1ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་ལྟད་མོ་བ་4000ལྷག་ཙམ་གྱིས་ས་གནས་དེ་གའི་ཡུལ་སྐད་ཐོག་ནས་སྤོ་ལོ་རྒྱག་མཁན་ཚོར་དགའ་འབོད་བྱེད་བཞིན་མཆིས། ཤུ་སྒྲ་གྲགས་པ་དང་བསྟུན་ནས་འགྲན་བསྡུར་མཇུག་འགྲིལ་བ་དང་ལིན་ཞ་ཀྲོའུ་འཐུས་མི་རུ་ཁག་གི་རུ་དཔོན་མཱ་ཞའོ་ལིན་གྱིས་རུ་སྣེ་ཁྲིད་དེ་ལྟད་མོ་བ་རྣམས་ལ་གུས་འདུད་ཞུས། རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན(རང་སྐྱོང་ལྗོངས)དགུའི་སྐབས་གཉིས་པའི་ཞིང་པའི་ལན་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར་གྱི་ཉིན་དང་པོར་ཁོང་ཚོར་རྒྱལ་ཁ་ཐོབ་ཡོད།

མཱ་ཞའོ་ལིན་ནི་ཅི་ཧྲི་ཧྲན་པའོ་ཨན་རིགས་དང་། ཏུང་ཞང་རིགས། ས་ལར་རིགས་རང་སྐྱོང་རྫོང་ཧུའུ་ལིན་ཅཱ་ཤང་ཀའོ་ཀོན་གྲོང་ཚོ་ནས་ཡིན་པ་དང་། 2010ལོ་ནས་བཟུང་། ཁོང་གིས་རྟག་ཏུ་རུ་ཁག་དང་མཉམ་དུ་རྫོང་དང་། ཀྲོའུ། ཞིང་ཆེན་བཅས་རིམ་པ་ཁག་གི་ཚབ་ཞུས་ནས་འགྲན་བསྡུར་ནང་ཞུགས་པར་ཞིང་ཆེན་རིམ་པ་ཡན་གྱི་འགྲན་བསྡུར་ནང་ཨང་དང་པོ་ཐེངས་10ལྷག་ཙམ་ཐོབ་ཡོད།

མཱ་ཞའོ་ལིན་གྱིས་ཀའོ་ཀོན་གྲོང་ཚོར་དུད་ཚང་100ལྷག་ཙམ་ཡོད་པ་དང་ཁོང་ཆུང་དུས་ནས་དེ་གར་ལན་ཆིའུ་སྤོ་ལོ་རྒྱག་པ་དང་འགྲན་བསྡུར་ལ་ལྟ་བའི་གོམས་གཤིས་ཡོད། ཞིང་དལ་དུས་སུ་གྲོང་ཚོ་དང་གྲོང་ཚོའི་དབར་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྒྲིག་འཛུགས་བྱེད་པ་ནི་རྒྱུན་གཏན་ཞིག་རེད། ད་ཆ་ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིས་ལོ་ལྟར་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཁག་2000ལྷག་ཙམ་སྒྲིག་འཛུགས་བྱས་པའི་ནང་ལིན་ཞ་གྲོང་ཁྱེར་གྱི“ཏུང་ཐའེ་བུམ་པ”དང་ཅི་ཧྲི་ཧྲན་རྫོང་གི“ཅི་ཧྲི་བུམ་པ”སོགས་ཀྱི་འགྲན་བསྡུར་རྒྱལ་ཡོངས་མང་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་སྐད་གྲགས་ཆོད་ཡོད།

མཱ་ཞའོ་ལིན་དང་རྩལ་ཁྲིད་པ་གཙོ་བོ་ཞའོ་ཅིང་ཡུན་གཉིས་ཀྱང་ས་གནས་དེ་གའི་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་རིམ་ཁག་རིམ་མཚུངས་མཉམ་འགྲན་ཁྲོད་ངོ་ཤེས་ཤིང་། 2010ལོར། མཱ་ཞའོ་ལིན་གྱིས་ཅི་ཧྲི་ཧྲན་རྫོང་གི་འཐུས་མི་རུ་ཁག་དང་མཉམ་དུ་ཀྲོའུ་རིམ་པའི་འགྲན་བསྡུར་ནང་ཞུགས་སྐབས། ཞའོ་ཅིང་ཡུན་གྱིས་གཞོན་ནུ་དེ་མཐོང་བ་ཙམ་གྱིས་བློ་ལ་བབ་པོ་བྱུང་ཡོད། མ་གཞི་ཁོ་པའི་གཟུགས་སྟོབས་ཆེན་པོ་མེད་ཀྱང་བདེ་ལྕག་འཁྱུག་ལ། བར་ཐག་འབྲིང་བའི་སྤོ་ལོ་བླུགས་ཚད་ཧ་ཅང་མཐོ་པོ་ཡོད། འགྲན་བསྡུར་ཚར་རྗེས་ཞའོ་ཅིན་ཡུན་རང་འགུལ་ངང་ཁོང་གི་གམ་དུ་བསྐྱོད་ནས་ཅི་འཕྲོས་མོལ་འཕྲོས་བྱས་པ་ལས་ཕན་ཚུན་རྒྱུས་ལོན་བྱུང་ལ། བྱེད་ཐབས་འདི་རིགས་ལ་བརྟེན་ནས་ཞའོ་ཅིན་ཡུན་གྱིས་སྤོ་ལོ་རྒྱག་མཁན་ཕུལ་བྱུང་མང་པོ་ཞིག་གསོ་སྐྱོང་བྱས་ཡོད།

མང་ཚོགས་ཀྱིས་ལན་ཆིའུ་སྤོ་ལོའི་རྣམ་གྲངས་ལ་རྒྱུན་མཐུད་དགའ་ཞེན་བྱེད་པ་དེའང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དང་རིམ་སྤོར་བྱུང་བ་དང་ཁ་འབྲལ་ཐབས་མེད།

ལོ་10ལྷག་ཙམ་རིང་། ཕ་ཡུལ་གྱི་སྤོ་ལོའི་ཐང་གི་འགྱུར་ལྡོག་ལས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། བྱེ་ས་ནས་ཨར་འདམ་བར་དང་། དེ་ནས་ཆེད་ལས་པང་གཅལ་དང་། ལན་ཆིའུ་སྒྲོམ། དེ་བཞིན་ཆེད་ལས་གློག་སྒྲོན་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱས་པའི་བར་གྲོང་ཚོ་དང་སྡེ་ཁུལ་གྱི་ལན་ཆིའུ་སྤོ་ལོ་ཐང་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད།

ལིན་ཞ་ཀྲོའུ་ཡིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། ད་ཆ་གྲོང་ཚོ་1089དང་སྡེ་ཁུལ་109ཚང་མར་ལན་ཆིའུ་སྤོ་ལོ་ཐང་ཡོད་པ་མ་ཟད། སྤྱི་པའི་ལན་ཆིའུ་སྤོ་ལོ་ཁང་ཆེ་གྲས་7དང་དམངས་གཉེར་ལན་ཆིའུ་སྤོ་ལོ་ཁང་17བསྐྲུན་ཡོད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)