འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《2024ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་གཙོ་གནད》(གཤམ་དུ“ལས་ཀའི་གཙོ་གནད”ཅེས་བསྡུ་རྒྱུ)བཏོན་པ་དང་། དེའི་ནང་ཕྱོགས་7ཐད་ཀྱི་བྱེད་ཐབས་ཁག་19ཚུད་ཡོད།
ལས་དོན་གྱི་གཙོ་གནད་ནང་སྟབས་བདེ་བ་དང་ཚད་ལྡན་གྱི་ཁྲོམ་རར་ཞུགས་འཐུས་ཁོར་ཡུག་བསྐྲུན་རྒྱུ་དང་། དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུཌ་སྣོན་རྒྱག་རྒྱུ། ཚད་ལྡན་དང་། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་སྒྱུར་ནན་པོ་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྤུས་ཚད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་དང་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ། སྲིད་དོན་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་བཅས་ཕྱོགས་7ཚུད་ཡོད་པ་དང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སྤེལ་གང་ལེགས་བྱས་ཏེ་སྲིད་འཛིན་ཆོག་འཐུས་ཞིབ་མཆན་དོན་ཚན་100%རིམ་ཁག་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནས་གཉེར་བ་དང་ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་བསྒྲུབ་ཚད་100%ཟིན་པར་སྐུལ་འདེད་བཏང་ནས། བོད་དུ་ཁེ་ལས་འཛུཌ་གཉེར་གྱི“དྲ་ཐོག་ཀུན་སྒྲུབ”མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།