ཉིན་ཤས་གོང་། ནི་ཀྲེ་རི་ཡ་དང་། ན་སྨི་པི་ཡ། མོ་ཙམ་པི་ཁེ། ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་9ཡི་དཔོན་རིགས་30ཀྲུང་གོར་ཆེད་དོན་ཟབ་སྦྱོང་ལ་ཞུགས་པ་དང་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་ལྟ་སྐོར་བྱས་པ་རེད། ཕྱོགས་ཁག་གིས་བྱེ་འགོག་བྱེ་བཅོས་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས》ལག་བསྟར་གྱི་ཉམས་མྱོང་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། འདི་ནི་ཟབ་སྦྱོང་འཛིན་གྲྭའི་སློབ་མས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་ཡུས་དབྱང་ཆུས་སུ་གནས་པའི་ཞའོ་ཧའོ་ཐུའུ་འོད་ཤུགས་རྣམ་གྲངས་ཀྱི་འོད་ཤུགས་བྱེ་བཅོས་བྱེད་ཐབས་ཐད་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།