《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月21日

ཟླ་དང་པོ་ནས་གསུམ་པའི་བར་ཟོག་འགྲེམས་ཁེ་ལས་འཁོར་རྒྱུག་བརྟན་པོ་བྱུང་བ།

རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་ལས་སྒོ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཀྲུང་གོ་ཟོག་འགྲེམས་ཆ་འཕྲིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་གསུམ་པའི་བར་ཟོག་འགྲེམས་ཁེ་ལས་ཀྱི་ལས་སྒོ་འཁོར་རྒྱུག་བརྟན་པོ་བྱུང་ནས་གྲུབ་ཆའི་རང་བཞིན་གྱི་བཀྲག་མདངས་འཚེར་ས་མངོན་གསལ་དོད་ཅིང་། གྲང་ཕྲེང་ཟོག་འགྲེམས་དང་། རྒྱལ་མཚམས་སྒྲོལ་བ། གྲོང་ཁྱེར་གྱི་སྡེབ་སྐྱེལ་བཅས་རིགས་ཀྱི་ལས་སྒོ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

ཟླ་དང་པོ་ནས་གསུམ་པའི་བར། ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་ལས་སྒོའི་ཁྱབ་ཁོངས་ཁག་གཅིག་ལེགས་སུ་ཤུགས་ཆེན་ཕྱིན་ཞིང་། ལས་སྒོའི་རིགས་ནས་བལྟས་ན། གྲང་ཕྲེང་ཟོག་འགྲེམས་དང་། རྒྱལ་མཚམས་སྒྲོལ་བ། གྲོང་ཁྱེར་གྱི་སྡེབ་སྐྱེལ་བཅས་རིགས་ཀྱི་ལས་སྒོའི་གྲངས་འབོར་མང་དུ་ཕྱིན་པའི་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་བལྟོས་བཅས་ཀྱིས་མཐོ་བ་དང་ཚང་མ་26%ཡན་ཟིན་ཡོད་པ་དང་། ཞབས་ཞུའི་ཁྱབ་ཁོངས་ནས་བལྟས་ན། ཟད་མགྱོགས་པའི་དངོས་རྫས་དང་། དྲ་ཐོག་ཚོང་དོན་གྱི་སིལ་ཚོང་། ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་སོགས་དམངས་འཚོའི་ཟོག་འགྲེམས་ཀྱི་ལས་སྒོའི་གྲངས་འབོར་འཕར་ཚད་བལྟོས་བཅས་ཀྱིས་ལེགས་པོ་ཡོད་པ་དང་ཕྱིར་གཏོང་ནང་འདྲེན་གྱི་རྒྱལ་སྤྱིའི་ཚོང་དོན་ཁྱབ་ཁོངས་ཀྱི་ཟོག་འགྲེམས་སླར་གསོ་བྱུང་ཚུལ་ཅུང་བརྟན་པོ་ཡོད་པ་རེད། ཟོག་འགྲེམས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྤྱིར་ན་བརྟན་ཞིང་། ཟླ་དང་པོ་ནས་གསུམ་པའི་བར་གྲང་ཕྲེང་ཟོག་འགྲེམས་དང་རྒྱལ་མཚམས་སྒྲོལ་བའི་རིགས་ཀྱི་གཉེར་སྐྱོང་ཡོང་འབབ་འཕར་བའི་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་བལྟོས་བཅས་ཀྱིས་མཐོ་པོ་ཡོད་པ་རེད། རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་མགྱོགས་པོ་ཕྱིན་ཞིང་། བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཁེ་ལས་ཕྱེད་ཀ་ཙམ་རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་ལས་སྒོ་དང་འབྲེལ་བ་ཡོད་པ་དེས་ན་ནིང་གི་དུས་ཚིགས་བཞི་པ་དང་བསྡུར་ན་བརྒྱ་ཆའི་གྲངས་6ཙམ་གྱིས་མཐོ་རུ་ཕྱིན་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)