རྒྱལ་ཡོངས་ཀྱི་དབྱར་འབྲུ་བསྡུ་བ་དེ་ལྷོ་ཕྱོགས་ནས་བྱང་ཕྱོགས་བར་གཞི་ཁྱོན་ཆེན་པོས་འགོ་འཛུགས་རྒྱུ་ཡིན་པ་དང་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་དབྱར་བསྡུའི་ལས་དོན་ཁག་ཡག་པོ་སྒྲུབ་ཆེད། ས་ཁོངས་བརྒལ་བའི་བརྔ་བསྡུའི་འཕྲུལ་འཁོར་ཤར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་མྱུར་བསྡུའི་སྔོན་ཇུས་ཡག་པོ་བཟོ་བ། ཞིང་འཕྲུལ་ལས་སྒྲུབ་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དབྱར་བསྡུ་ལས་ཕྱོད་ཆེན་པོས་སྤེལ་ཐུབ་པའི་འགན་ལེན་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། འདི་ནི་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་རེན་ཧྲོའུ་རྫོང་ཧྥང་ཅ་གྲོང་རྡལ་ཧྲུའེ་ཁྲེ་གྲོང་ཚོའི་གྲོ་ཞིང་དུ་བརྔ་བསྡུའི་འཕྲུལ་འཁོར་གྱིས་གྲོ་བསྡུ་བཞིན་པ།