《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月21日

རང་འདེགས་རྣམ་པའི་མཚོ་སྟེང་རླུང་གློག་སྒྲིག་སྦྱོར་ལས་སྟེགས་གསར་ཤོས་དངོས་སུ་རྩིས་སྤྲད་པ།

ཟླ་5ཚེས་18ཉིན་ཏུན་2000རིམ་པའི་རང་འདེགས་རྣམ་པའི་མཚོ་སྟེང་རླུང་གློག་སྒྲིག་སྦྱོར་ལས་སྟེགས“ཟམ་ཆེན་མཚོ་རླུང”རྟགས་ཅན་ཅང་སུའུ་ནན་ཐུང་དུ་རྩིས་སྤྲོད་རྩིས་ལེན་བྱས་ཤིང་། ནུས་པ་མང་པོ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། ལས་སྟེགས་དེར་ཀྲའོ་ཝ་25རིམ་པའི་རླུང་གློག་འཕྲུལ་འཁོར་སྐྱེལ་འདྲེན་དང་སྒྲིག་སྦྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ནུས་པ་ཆ་ཚང་2ལྡན་པ་དང་མགྱོགས་ཤོས་ལ་ཆུ་ཚོད་48ཀྱི་ནང་རླུང་གློག་འཕྲུལ་འཁོར་གཅིག་སྒྲིག་སྦྱོར་བྱེད་ཐུབ་ཀྱི་ཡོད།