《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

དང་བླངས་ཞབས་ཞུའི་རུ་ཁག་གིས་ཞིང་ཁའི་གློག་སྤྱོད་འགན་ལེན་བྱས་པ།

མིག་སྔར། བྱང་ཤར་ས་ཁུལ་དུ་ཆུ་འབྲས་འདེབས་པའི་དུས་ཚོད་ཡག་ཤོས་སུ་སླེབས་པས། ལེའོ་ཉིང་གི་ས་གནས་ཁག་གིས་ཞིང་འདེབས་དུས་ཚོད་དམ་འཛིན་གྱིས་ལྗང་གསོ་ས་སྙོམས་དང་། ཞིང་ཆུ་གཏོང་བ། ལྗང་པ་འཛུགས་པ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། གློག་ཤུགས་ཀྱི་རྨང་གཞིའི་འགན་ལེན་ནུས་པ་གང་ལེགས་འདོན་ཆེད། རྒྱལ་ཁབ་གློག་དྲ་ཐེ་ལིང་གློག་གཏོང་ཀུང་སིས་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཡུལ་མིར་ཞིང་ལས་ཐོན་སྐྱེད་ཁྲོད་འཕྲད་པའི་གློག་སྤྱོད་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཤིང་། འདི་ནི་ཐེ་ལིང་གྲོང་ཁྱེར་ཐེ་ལིང་རྫོང་ཧྲང་ཅིང་ཙི་གྲོང་རྡལ་ཧུང་ཝེ་ཉི་འོད་ཆེད་ལས་མཉམ་ལས་ཁང་གི་ཆུ་འབྲས་འདེབས་གསོ་རྟེན་གཞིར་དང་བླངས་ཞབས་ཞུའི་རུ་ཁག་གིས་གློག་སྤྱོད་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་ཆུ་འབྲས་ལྗང་གསོའི་དྲོད་ཁང་ཆེན་པོ་དང་ཞིང་ཆུ་འདྲེན་ཆས་འཕྲུལ་འཁོར་གྱི་གློག་བརྟན་པོ་ཡོང་བའི་འགན་ལེན་བྱེད་བཞིན་པ།