ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་མེ་ལན་ཆུས་ཀྱིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་། ས་ཞིང་བ་ཚྭ་ཅན་གྱི་ཁྱད་ལྡན་ཞིང་ལས་ཡག་པོ་གཉེར་བ། ཡུལ་བབ་དང་བསྟུན་ནས་མཚོ་འགྲམ་གྱི་བེད་མེད་ཉ་རྫིང་དང་གྲམ་ཐང་བ་ཚྭ་ཅན་གྱི་ས་ཆ་སོགས་བེད་སྤྱད་དེ་འདམ་མྱུག་འདེབས་པ། “ཀུང་སི+རྟེན་གཞི+ཆེད་ལས་མཉམ་ལས་ཁང(ཞིང་དུད)”བཅས་ཀྱི་ཐོན་ལས་ཅན་གྱི་རྣམ་པ་སྤྱད་དེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
འདི་ནི་མེ་ལན་ཆུས་ཐ་ཧྲི་གྲོང་ཚོའི་འདམ་མྱུག་མཚོ་ཆུའི་ནུས་པའི་ཞིང་ལས་སོན་གསོའི་རྟེན་གཞི་ཡིན་པ།