《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

2024ལོའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འཆར་གཞིས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་3.44བསྡུ་རྩིས་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཀྲམ་ནས་2024ལོའི་མཐོ་སློབ་སློབ་ཐོན་སློབ་མའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་འཆར་གཞི་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ། ད་ལོ་ཀྲུང་དབྱང་ནོར་སྲིད་པུས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་3.44གཞི་རིམ་དུ་སློབ་སྐྱོར་དང་། ཞིང་སྐྱོར། སྨན་སྐྱོར། གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་སོགས་ལ་ཞབས་འདེགས་ཞུ་མཁན་ལ་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་ཁ་གསལ་བཏོན་པ་དང་། སློབ་ཐོན་སློབ་མ་བསྡུས་ནས་དབུལ་སྒྲོལ་ས་ཁུལ་དང་། བྱང་ཤར་ས་ཁུལ། མཐའ་མཚམས་ས་ཁུལ། མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་སོགས་ལ་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ཞབས་ཞུའི་ལས་གནས་སྤྱི་འདོམས་གསར་སྤེལ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོར་བསྟུན་ནས། གཞི་རིམ་གྱི་བྱ་གཞག་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ལས་གནས་གཙོ་གནད་དུ་གསར་སྤེལ་བྱེད་དགོས། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་ནུས་པ་ཆེ་རུ་གཏོང་བའི་ཆེད་དམིགས་འཆར་གཞི་ལག་ལེན་བསྟར་བ་དང་། ཞབས་ཞུའི་དུས་འཁོར་ཡོངས་ལ་ཁྱབ་པའི་སློབ་གསོ་དང་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ལས་གནས་ཀྱི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་སློབ་དཔོན་ལམ་ལུགས་དང་བརྒྱུད་རོགས་ཁྲིད་གསུམ་སོགས་གསོ་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་སྦྱོང་བརྡར་ཐེབས་པ་དང་འཚར་ལོངས་ཡོང་བར་སྐུལ་མ་གཏོང་དགོས། ཞབས་ཞུའི་དུས་ཚད་ཐིམ་པའི་མི་སྣའི་ལས་ཞུགས་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གཞི་རིམ་དུ་གནས་ཐུབ་པ་དང་བཀོལ་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ། ཐབས་མང་མཉམ་སྤྱོད་ཀྱིས“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་གཞི་རིམ་དུ་རྩ་བ་ཚུགས་པ་དང་ཤེས་ལྡན་པར་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། (སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)