《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

ཀན་སུའུ་ཡིས།

“མྱུར་བགྲོད་གཞུང་ལམ་གསར་པ་གསུམ” སྐྲུན་འགོ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི“དྲ་སྦྲེལ་དང་། དྲ་གསབ། འཁོར་འབྲེལ་བརྟན་གཏོང་”བཅས་ལ་སྐུལ་འདེད་གཏོང་ཆེད། ཀན་སུའུ་ཞིང་ཆེན་གྱིས་རྨ་ནུབ་བྱང་རྒྱུད་དང་། ཀན་སུའུ་དབུས་ལྷོ། ཀན་སུའུ་དབུས་ཤར་བཅས་ཀྱི“མྱུར་བགྲོད་གཞུང་ལམ་གསར་པ་གསུམ”སྐྲུན་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་། འཆར་འགོད་ལྟར་ན་གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་གྲོན་བསྡུའི་གཞུང་ལམ་གྱི་སྤྱིའི་གཞི་ཁྱོན་སྤྱི་ལེ་4550ཟིན་ཞིང་ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་5460ལྷག་ཙམ་གཏོང་རྩིས་ཡོད་པ་རེད།

“མྱུར་བགྲོད་གཞུང་ལམ་གསར་པ་གསུམ”གྱི་རྣམ་གྲངས་ཚང་མ་གྲོན་བསྡུའི་གཞུང་ལམ་རྣམ་གྲངས་ཡིན་ཞིང་། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱས་ནས་སྤེལ་བ་དང་གྲོང་ཁྱེར་དང་ཀྲོའུ་རིམ་པའི་སྲིད་གཞུང་གིས་སྐྲུན་འགན་ཁུར་བ་ཞིག་རེད། དེའི་ཁྲོད་རྨ་ནུབ་བྱང་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གཞུང་་ལམ་གསར་པ་དེ་ལེན་ཧོ(ལེན་ཡུན་ཀང-ཧོ་ཨར་གོ་སི)མྱུར་བགྲོད་གཞུང་ལམ་གྱི་རྨ་ནུབ་གཞུང་ལམ་ཉིས་གཤིབ་མ་ཡིན་པ་དང་། ཏིང་ཝུའུ(ཏིང་པན-ཝུའུ་ཝེ)མྱུར་བགྲོད་གཞུང་ལམ་དང་ཅིང་ཤིན(པེ་ཅིང-ཤིན་ཅང་ཝུའུ་ལུའུ་མའུ་ཆི)མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་རྨ་ནུབ་དོག་ལམ་གྱི་ཞིང་ཆེན་5དང་རྫོང(གྲོང་ཁྱེར་དང་ཆུས)14ལ་ཁྱབ་རྒྱུ་དང་། ཀན་སུའུ་དབུས་ལྷོའི་མྱུར་བགྲོད་གཞུང་ལམ་གྱི་གཞུང་ལམ་གསར་པ་དེ་ཝུའུ་རྨ(ཝུའུ་ཧའེ-རྨ་ཆེན)མྱུར་བགྲོད་གཞུང་ལམ་དང་ཧྲི་ཐན(ཧྲི་ཡན-ཐན་ཧྲུའེ)མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་4བརྒྱུད་དེ་རྫོང(ཆུས)14ལ་ཁྱབ་རྒྱུ། ཀན་སུའུ་དབུས་ཤར་གྱི་མྱུར་བགྲོད་གཞུང་ལམ་གྱི་གཞུང་ལམ་གསར་པ་དེ་ཆིང་ལན(ཆིང་ཏའོ-ལན་ཀྲོའུ)མྱུར་བགྲོད་གཞུང་ལམ་དང་ཅིང་བོད(པེ་ཅིང-བོད་ལྗོངས་ལྷ་ས)མྱུར་བགྲོད་གཞུང་ལམ་དང་སྦྲེལ་ནས་ཞིང་ཆེན་ནང་ཁུལ་དང་ཉིང་ཞ་ཀུའུ་ཡོན་སོགས་གྲོང་ཁྱེར་4བརྒྱུད་དེ་རྫོང(ཆུས)20ལ་ཁྱབ་རྒྱུ་བཅས་རེད།

(ཟླ་ཕུར་གྱིས་བསྒྱུར། པ་སངས་ཀྱིས་ཞུས)