《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月19日

སྡེ་ཚན་བཞིས།

《2024ལོའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་ལས་དོན་གཙོ་གནད》བཀྲམ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱིས་མཉམ་དུ《2024ལོའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་ལས་དོན་གཙོ་གནད》བཀྲམ་ཞིང་། ཆ་འཕྲིན་ཅན་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྣེ་ཁྲིད་དེ་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ་ཡོང་བ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ལ་སྐུལ་འདེད་བཏང་སྟེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པར་འདེགས་སྐྱོར་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ལས་ཀ་གཙོ་གནད་ནང་ཕྱོགས་9ཡི་གཙོ་གནད་ལས་འགན་28བཀོད་སྒྲིག་བྱས་ཡོད། གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་རྟེན་བརྟན་པོ་བསྐྲུན་རྒྱུའི་གྲས་སུ་གྲོང་གསེབ་ཀྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་མཁོ་འདོན་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ལས་དང་འབྲེལ་བ་ཡོད་པའི་གྲངས་གཞིའི་ཐོན་ཁུངས་འདུས་གྲུབ་མཉམ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་བཅས་ཚུད་ཡོད། རྫོང་ཁོངས་གྲངས་འཛིན་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱེད་རྒྱུའི་གྲས་སུ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ལ་ཐབས་མང་མཉམ་སྤྱོད་ཀྱིས་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་འབྲེལ་བ་ཡོད་པའི་གྲངས་གཞིའི་རྒྱུ་རྐྱེན་གཙོ་བོའི་ལྡབ་འགྱུར་ནུས་འབྲས་ཐོན་པར་བྱེད་རྒྱུ། གྲངས་འཛིན་ལག་རྩལ་སྤྱད་དེ་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཚུད་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)