འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། གསར་དུ་སྐྲུན་པའི་ཉིང་པོ་ནས་ཀྲོའུ་ཧྲན་བར་གྱི་ལྕགས་ལམ(གཤམ་དུ་ཡུང་ཀྲོའུ་ལྕགས་ལམ་ཞེས་བསྡུ་རྒྱུ)གྱི་ཅིན་ཐང་མཚོ་གཏིང་ཕུག་ལམ་གྱི་ཉིང་པོ་དང་ཀྲོའུ་ཧྲན་ཕྱོགས་གཉིས་ནས་ཚངས་ཐིག་ཧ་ཅང་ཆེ་བའི་འབིགས་འཕྲུལ་གྱིས་དུས་གཅིག་ཏུ་ཏལ་འབིགས་གཏོང་འགོ་ཚུགས་པ་དེ་ཐོག་ནས་འཛམ་གླིང་གི་མཚོ་གཏིང་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་འཛུགས་སྐྲུན་དེ་ཏལ་འབིགས་གཏོང་འགོ་ཚུགས་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
ཉིང་པོ་དང་ཀྲོའུ་ཧྲན་བར་གྱི་ཅིན་ཐང་ཆུ་ལམ་འོག་ཏུ་གནས་པའི་ཅིན་ཐང་མཚོ་གཏིང་ཕུག་ལམ་ནི་ཡུང་ཀྲོའུ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ། དེའི་རིང་ཚད་ཡོངས་ལ་སྤྱི་ལེ་16.18ཡོད་པ་ལས་ཏལ་འབིགས་ཀྱི་རིང་ཚད་སྤྱི་ལེ་11.21ཟིན་ཡོད་པ་རེད།