《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月18日

ཅང་སུའུ་ལན་ཡུན་ཀང་གྲུ་ཁར་རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་དཔལ་འབྱོར་སླར་གསོ་མགྱོགས་པོ་བྱུང་བ།

རྒྱལ་མཚམས་སུ་འཛུལ་བའི་སྲིད་ཇུས་མུ་མཐུད་ལེགས་སུ་ཕྱིན་པ་དང་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་སྦྲག་སྲིད་གྲུ་གཟིངས་ལ་བསྡད་དེ་རྒྱལ་མཚམས་སུ་འཛུལ་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་ཆབས་ཅིག ཡུལ་སྐོར་གནས་མཆོག་ཅིག་ཡིན་པའི་ལན་ཡུན་ཀང་གྲུ་ཁའི་རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་དཔལ་འབྱོར་སླར་གསོ་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཞིང་། ཧན་གོ་ནས་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་དུ་འགྲོ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་15ཉིན་ནས་བཟུང་། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་སྦྲག་སྲིད་གྲུ་གཟིངས་ལ་བསྡད་དེ་རྒྱལ་མཚམས་སུ་འཛུལ་བར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་འབྲེལ། ས་ཁོངས་ནང་གི་ཡུལ་སྐོར་བ་སྦྲག་སྲིད་གྲུ་གཟིངས་ལ་བསྡད་དེ་ཀྲུང་གོར་ཡོང་མཁན་ཡུལ་སྐོར་ལས་དོན་ཁང་གིས་སྒྲིག་འཛུགས་སྣེ་ལེན་བྱས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ(མི་2ཡན)རང་རྒྱལ་མཚོ་རྒྱུད་ཀྱི་སྦྲག་སྲིད་གྲུ་གཟིངས་འགག་སྒོ་ཚང་མ་ནས་རྒྱལ་སྒྲོལ་མཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་ཆོག ཡིན་ནའང་རྒྱལ་ཁོངས་སུ་ཉིན་15ལས་སྡོད་ཆོག་གི་མེད། འདི་ནི་ཟླ་5ཚེས་16ཉིན། རྒྱལ་མཚམས་སུ་འཛུལ་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་འབོར་ཆེན་ཞིག་ཅང་སུའུ་ལན་ཡུན་ཀང་གྲུ་ཁའི་རྒྱལ་སྤྱིའི་འགྲུལ་སྐྱེལ་ས་ཚིགས་གྲུ་ཁའི“ཞི་མཐུན་ཡུན་ཀང་གྲུ་ཁའི”གྲུ་གཟིངས་ནས་འབབ་བཞིན་པ།