《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月18日

འབྲུ་མཛོད་རྟེན་མཛོད་ཁང་དུ་བསྐྱོད་ནས་སོ་ནམ་རིག་གནས་ཉམས་ལེན་བྱེད་པ།

ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲེན་ཀྲོའུ་གྲོང་ཁྱེར་གྱི་འབྲུ་མཛོད་རྟེན་མཛོད་ཁང་གིས“འབྲུ་མཛོད་རྟེན་མཛོད་ཁང་དུ་བསྐྱོད་ནས་སོ་ནམ་རིག་གནས་ཉམས་ལེན་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཏེ་སློབ་མ་ཚོ་རྟེན་མཛོད་ཁང་དུ་སོ་ནམ་རིག་གནས་ཉམས་ལེན་བྱེད་པར་ཁྲིད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེན་ཀྲོའུ་གྲོང་ཁྱེར་འབྲུ་མཛོད་རྟེན་མཛོད་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ཧྲེན་ཀྲོའུ་ཡིང་དབྱི་དབྱི་མཛོད་ལ་བརྟེན་ནས་གྲུབ་པ་ཞིག་རེད། ཧྲེན་ཀྲོའུ་ཡིང་དབྱི་དབྱི་མཛོད་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཤུས་སྐབས་སུ་བསྐྲུན་པ་ཞིག་ཡིན་པ་དེའི་བྱེད་ནུས་གཙོ་བོ་ནི་འབྲུ་རིགས་མཛོད་ཉར་དང་མུག་སྐྱོབ་བྱ་རྒྱུ་དེ་རེད། འདི་ནི་སློབ་མས་ཧྲེན་ཀྲོའུ་གྲོང་ཁྱེར་འབྲུ་མཛོད་རྟེན་མཛོད་ཁང་དུ་ཕྲག་རྒྱུག་ཉམས་ལེན་བྱེད་བཞིན་པ།