ཉེ་བའི་ལོ་ཤས་རིང་། ཧྲའན་ཤིས་ཐུང་ལི་ལྕི་བའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་ཞིང་། 2023ལོར་ཕྱི་རྒྱལ་ནས་བྱུང་བའི་ཡོང་འབབ་ལོ་གོང་མའི་དུས་མཚུངས་ལས་68.52%འཕར་ཡོད། མིག་སྔར་ཐོན་རྫས་ཕ་ཁི་སི་ཐན་དང་། ཧིན་རྡུ་ཉི་ཞི་ཡ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཕྱིར་གཏོང་བྱེད་ཀྱི་ཡོད་ཅིང་། འདི་ནི་ཕྱི་རྒྱལ་ནས་ཡོང་བའི་ཚོང་པས་རང་འབེབས་རླངས་འཁོར་གསར་པ་ཚོད་གཏོང་བྱེད་བཞིན་པ།