《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ཀྲུང་གོའི་དཔེ་དེབ་དབྱི་ཐ་ལིའི་ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ལ་དགའ་བསུ་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་དབྱི་ཐ་ལིའི་གྲོང་ཁྱེར་ཏུའུ་ལིང་ནས་གློག་འཕྲིན་འབྱོར་གསལ། ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་སྐབས་སོ་དྲུག་པ་ཟླ་5ཚེས་9ཉིན་ནས་ཚེས་13ཉིན་བར་དབྱི་ཐ་ལིའི་ཏུའུ་ལིང་དུ་གཉེར་བ་རེད།

སྐབས་འདིའི་འགྲེམས་ཚོགས་ཀྱིས“བསམ་བཀོད་ཀྱི་འཚོ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་43གྱི་དཔེ་དེབ་ཆེད་ལས་མི་སྣ་4000ལྷག་ཙམ་ཞུགས་ཡོད་པ་རེད། ཀྲུང་གོའི་དཔེ་དེབ་བརྒྱ་ཕྲག་ལྷག་མཉམ་དུ་འགྲེམས་ཚོགས་ལ་འགྲེམས་སྟོན་བྱས་ཏེ་ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་ཡོད།

1988ལོར་བཙུགས་པའི་ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ལ“ཏུའུ་ལིང་རྒྱལ་སྤྱིའི་དཔེ་དེབ་སྟོན་མོ”ཞེས་ཀྱང་འབོད་ཅིང་། ལོ་ལྟར་གྱི་ཟླ་5པར་འཚོག་གི་ཡོད། དེའང་དབྱི་ཐ་ལིའི་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་ཤིག་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཟླ་ཕུར་གྱིས་ཞུས)