《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་བརྗོད་དོན།

རྒྱལ་སྤྱིའི་ལས་དོན་ཁྲོད་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཧ་ཅང་གལ་འགངས་ཆེ་བའི་དོ་སྙོམས་ཀྱི་ནུས་པ་འདོན་བཞིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཧ་ཅང་གལ་འགངས་ཆེ་བའི་དོ་སྙོམས་ཀྱི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད།

ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཉིན་དེའི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཨུ་ལྷན(གྲོས་ཚོགས་གོང་མ)གྱི་ཚང་འཛོམས་གྲོས་ཚོགས་ཐོག་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་པོའི་མཉས་ལས་བྱེད་ཟབ་ཏུ་འགྲོ་རྒྱུ་རེད་ལ། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་དེ་བས་དྲང་གཞག་དང་དམངས་གཙོའི་འཛམ་གླིང་སྒྲིག་ལམ་ཞིག་འཛུགས་འདོད་ཡོད་ཅེས་བརྗོད།

ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཨུ་རུ་སུ་དང་ཀྲུང་གོས་རྒྱལ་སྤྱིའི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྣ་མང་ཅན་གྱི་འཛམ་གླིང་སྒྲིག་ལམ་ཆགས་པར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།