《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་ཤིང་ཏོག་དང་སྔོ་ཚལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མཐོ་ཤོས་སུ་སླེབས་ནས་ཆ་སྙོམས་ཉིན་རེར་ཏུན་1500ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ཀྲུང་ལོའི་ལྕགས་ལམ་ནས་དངོས་ཟོག་སོས་པ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་6.4ཟིན་པ་དེ་དུས་མཚུངས་ལས་ལྡབ་གཉིས་ཡན་འཕར་བ་དང་། དེའི་ཁྲོད་ནས་ནང་འདྲེན་བྱས་པའི་ཤིང་ཏོག་གིས་ཏུན་ཁྲི་5.8ཟིན་གྱི་ཡོད་པ་རེད།

རུལ་སླ་བའི་ཤིང་འབྲས་ཀྱི་ཟོག་འགྲེམས་དགོས་མཁོ་སྐོང་ཆེད། ལྕགས་ལམ་སྡེ་ཚན་གྱིས་གྲང་ཉར་དོས་སྒམ་1000ལྷག་ཙམ་བསྡུ་རུབ་བྱས་ནས་སྔོན་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། ཀྲུང་ལོའི་ལྕགས་ལམ་གྱིས་དམིགས་བསལ་བཀོད་གཏོང་བྱས་པའི“རྫ་མེ་ཆུ་བོའི་མྱུར་འདྲེན”གྱི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་བརྒྱུད་ཀྲུང་གོའི་ཁུན་མིང་ནས་ལོ་སིའི་ཝན་ཐེན་བར་གྱི་ལམ་ཐག་ཧྲིལ་པོར་ཆུ་ཚོད་26ལས་འགོར་གྱི་མེད་པ་རེད།

ཨེ་ཤེ་ཡ་ཤར་ལྷོའི་ཤིང་ཏོག་འབོར་ཆེན་ཁྲོམ་རར་བཏོན་རྗེས་ཡུན་ནན་མོ་ཧན་ལྕགས་ལམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཤིང་ཏོག་དང་སྔོ་ཚལ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་སུ་སླེབས་པ་དང་། ཉིན་རེར་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་ཏུན་1500ཡན་རྒྱུན་འཁྱོངས་ཐུབ་ཡོད། ལྕགས་ལམ་སྡེ་ཚན་གྱིས“རྫ་མེ་ཆུ་བོའི་མྱུར་འདྲེན”གྱི་གྲང་ཕྲེང་དུས་གཏན་མེ་འཁོར་མང་དུ་བཏང་ནས་ཉིན་རེར་དེ་གོང་གི་ཆ་སྙོམས་མེ་འཁོར་གཏོང་ཚད་1.5ནས་3བར་མང་དུ་བཏང་བ་དང་མང་ཤོས་སྐབས་སུ་མེ་འཁོར་4ཟིན་གྱི་ཡོད་པ་རེད།

འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར། ཀྲུང་ལོའི་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་655སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། དེའི་ནང་ནས་རྒྱལ་མཚམས་སྒྲོལ་བའི་དངོས་ཟོག་ཏུན་ཁྲི་180ལས་བརྒལ་ནས་དུས་མཚུངས་ལས་24.1%འཕར་ཡོད་པ་རེད།