《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས།

2024ལོ་དང་2025ལོའི་ལོ་འཁོར་གྱི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ལས་དོན་བཀོད་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། 2024ལོ་དང་2025ལོའི་ལོ་འཁོར་གྱི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

2024ལོ་དང་2025ལོའི་ལོ་འཁོར་གྱི་ནུབ་རྒྱུད་འཆར་གཞིས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ། དེ་བས་ལེགས་པའི་སྒོ་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གཞོན་ནུའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ། གཞོན་ནུ་རྣམས་ལ་ལས་གནས་དཀྱུས་མའི་ཐོག་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་དཔེ་སྟོན་སྣེ་ཁྲིད་བྱེད་པ། གཞི་རིམ་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྣམ་གྲངས་ཀྱི་གཙོ་གནད་གཞི་རིམ་ལ་དམིགས་ཏེ་ལས་ཀའི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཤར་ནུབ་ཀྱི་མཉམ་ལས་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོ་དང་2025ལོའི་ལོ་འཁོར་གྱི་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ཀྱི་རྣམ་གྲངས་ལག་བསྟར་གྱི་གཞི་ཁྱོན་མི་ཁྲི་3ཟིན་པ་དང་། གྲོང་གསེབ་སློབ་གསོ་དང་། གྲོང་གསེབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། བདེ་ཐང་གྲོང་གསེབ། གཞི་རིམ་གཞོན་ནུའི་ལས་དོན། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་། རྒྱལ་སྲུང་མཐའ་སྲུང་། ཤིན་ཅང་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་ལ་ཞབས་འདེགས་ཞུ་བ་སོགས་ཆེད་དོན་རྣམ་གྲངས་8ལ་དབྱེ་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)