《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ཀོང་ཤིས་ལིའུ་ཝུའུ་ལྕགས་ལམ་གྱི་ཕུག་ལམ་འབྲིང་གྲས་ཐོག་མ་ཏལ་འབིགས་ཐུབ་པ།

ཉེ་ཆར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ(ཀྲོའུ)ཝུའུ(ཀྲོའུ)ལྕགས་ལམ་གྱི་ཕུག་ལམ་འབྲིང་གྲས་ཐོག་མ ལིའུ་མེན་རི་བོའི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་ཅིང་། ཕུག་གཅིག་ལམ་གཉིས་ཀྱི་ཕུག་ལམ་འདི་ནི་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་ཅང་ཆུས་སུ་ཡོད་ལ་སྤྱིའི་རིང་ཚད་ལ་སྨི་2865ཡོད་པ་དང་། ཕུག་ལམ་འདི་ཏལ་འབིགས་ཐུབ་པས་ལས་གྲྭ་འཛུགས་སྐྲུན་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཐོན་པ་མཚོན་ཡོད་པ་རེད། ལིའུ་ཝུའུ་ལྕགས་ལམ་ནི་གསར་དུ་སྐྲུན་པའི་ལིའུ་ཀྲོའུ་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ་སྤྱིའི་རིང་ཚད་ལ་སྤྱི་ལེ་238.167ཡོད་པ་དང་འཆར་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་160ཡིན་པ་དང་། ཤར་གཏོང་ཐུབ་རྗེས་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད། འདི་ནི་ལིའུ་ཝུའུ་ལྕགས་ལམ་གྱི་ལིའུ་མེན་རི་བོའི་ཕུག་ལམ་གྱི་འཛུལ་སྒོ་ཡིན་པ།