འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་གྲགས་ཅན་དྲ་ཐོག་ཚོང་པའི་ཐད་གཏོང་ཚོགས་པ་གདན་དྲངས་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐད་གཏོང་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་མང་དག་ཅིག་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་ཆེད་ལས་ཐད་གཏོང་པས་ངང་རྒྱུད་རིང་པོས་ལག་ཐོགས་ཁ་པར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འཛད་སྤྱོད་པར་ཞིང་ལས་ཁྱད་ལྡན་ཐོན་རྫས་མི་རེ་ངོ་རེའི་ཐོན་ཁུངས་དང་། ཐོན་ཡུལ། སྤྱོད་སྟངས། འཚོ་བཅུད་རིན་ཐང་བཅས་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། “སྤོ་བོ་རྫོང་གི་སྤུས་ལེགས་ཡུལ་ཟོག”ལ་དྲ་ཐོག་འཛད་སྤྱོད་པ་མང་པོའི་དགའ་བསུ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཐད་གཏོང་ལ་ལྟ་མཁན་ཁྱོན་ཁྲི་12.5ཟིན་པ་དང་ཐོན་རྫས་སྣ་ཁ་10ཡི་མངགས་ཐོ་600ལྷག་ཙམ་བྱུང་བར་ཉོ་ཚོང་དངུལ་འབོར་སྒོར་ཁྲི་129ཟིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་ཐད་གཏོང་ཟོག་ཚོང་གིས་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་དངོས་ཟོག་ཉོ་སྒྲུབ་ཀྱི་རླབས་རྒྱུན་གསར་པ་འཕྱུར་བ་མ་ཟད“ཞིང་གསུམ”གྱི་ཐོན་རྫས་ཕྱིར་ཚོང་དང་གྲོང་གསེབ་དར་རྒྱས་གཏོང་བར་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད།