ཧུའུ་ནན་ཞིང་ཆེན་ལོའུ་ཏི་གྲོང་ཁྱེར་གྱིས་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་ཁུལ་དང་། རྡོ་ཧྲུག་ཅན་ཁུལ། གཏེར་འདོན་རྡིབ་ཁུལ་བཅས་ཕྱོགས་བསྡུས་བེད་སྤྱོད་བྱས་པ་བརྒྱུད། “ཞིང་འོད་གསབ་རེས”ཀྱི་རྣམ་པ་འཕེལ་རྒྱས་ཧུར་ཐག་བཏང་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ཡོང་བར་བྱས་ཤིང་། རི་རྒོད་གསེར་རིར་འགྱུར་བར་སྐུལ་འདེད་བཏང་བར་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོབ་ཡོད། འདི་ནི་ཟླ་5ཚེས་13ཉིན་ལོའུ་ཏིའི་ལེང་ཧྲུའེ་ཅང་གྲོང་ཁྱེར་གཤའ་གཏེར་རིའི་འོད་ཤུགས་གློག་ཁང་དུ་ཞིང་པས་འོད་ཤུགས་པང་ལེབ་འོག་གི་མ་རྨོས་ལོ་ཏོག་ཞིང་ནང་དུ་རྩྭ་ངན་འཐུ་བཞིན་པ།