སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཡིན། ས་ཁུལ་ཁག་གིས་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད།
ཧོ་པེས་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ནས་གཙོ་གནད་ལས་འགན་ཁག་ཞིབ་ཕྲ་ཅན་དང་དོན་དངོས་ཅན་དུ་འགྱུར་བ་དང་། ཞིང་ཆེན་རིམ་ངོས་ནས་ལས་དོན་ཆེད་དོན་ཚོགས་ཆུང་གིས་འབྲེལ་ཡོད་གནད་དོན་གྱི་ལན་ཁ་གསལ་བཟོས་ནས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ལ་དུས་ཐོག་ཏུ་བཀྲམ་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ནན་ཏན་ངང་ལག་བསྟར་བྱས་ཏེ་འགན་འཁྲི་ཡོངས་ཁྱབ་དང་། རིམ་པ་བཞིན་དམ་འཛིན། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཧྲན་ཤིས་ཀྱིས“དངོས”ཀྱི་སྟོན་ཕྱོགས་མཐའ་འཁྱོངས་དང་ངེས་པར་དུ“དངོས”ཀྱི་ཕན་འབྲས་དོན་གཉེར་བྱས་པ་དང་། འགོ་ཁྲིད་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད། ཟླ་རེའི་སློབ་སྦྱོང་མཛུབ་ཁྲིད་དང་ཉེན་བརྡའི་སློབ་གསོ་བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པའི་འབྲེལ་གཏུག་མཛུབ་ཁྲིད་ལམ་སྲོལ་འཛུགས་པ་དང་། གཞི་རིམ་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སློབ་སྦྱོང་གསོ་སྦྱོང་ལ་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་རིམ་པའི་ཏང་ཨུད་ཀྱིས་སྤྱི་འདོམས་འཆར་འགོད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་ཨུད་ཀྱིས་ཁོངས་གཏོགས་ཏང་ཀྲི་པུའུ་ལ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ཉེན་བརྡའི་སློབ་གསོ་སོགས་སྤེལ་བར་མཛུབ་ཁྲིད་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཏེ་ཕན་འབྲས་དང་སྤུས་ཚད་ལ་འགན་ལེན་བྱས་ཡོད།
ས་ཁུལ་ཁག་གིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)སློབ་སྦྱོང་ནན་ཏན་བྱས་ནས་ཏང་ཡོན་དང་ལས་བྱེད་པར་གཙོ་དོན་དང་གཏན་འབེབས་ཀྱི་བླང་བྱ་ཡང་དག་ཁོང་དུ་ཆུད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་དང་ཏང་གཤིས་བློ་སྦྱོང་ཇེ་མཐོར་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱས་ཡོད།
ཅང་སུའུ་ཡིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭའི་གཅིག་སྡུད་བགྲོ་གླེང་དང་ཞིང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས《སྲོལ་ཡིག》ཇི་མ་ཇི་བཞིན་དང་ལེའུ་རེ་རེ་བཞིན་སློབ་སྦྱོང་བྱས་པ་མ་ཟད། ཏང་གི་སྒྲིག་ཡིག་དང《ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》དང《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》སོགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་འབྲེལ་མཐུད་བྱས་ཏེ་སྣེ་ཁྲིད་ནས་སློབ་སྦྱོང་དང་སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གྱིས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་ཁྲིད་བྱས་ཡོད།
ཨན་ཧུའེ་ཡིས་ཉེན་བརྡའི་སློབ་གསོ་དང་། གསལ་འགྲེལ་གསོ་སྦྱོང་། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་དམིགས་ནས་ལས་དོན་གྱི་ཡན་ལག་ཇུས་གཞི་གསུམ་གྲུབ་པ་དང་། ཨན་ཧུའེ་ཡི་ལས་བྱེད་པའི་སློབ་གསོའི་དྲ་ཐོག་ལས་སྟེགས་ཐོག《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་བསྒྲིགས་ལེ་ཚན་བཏོད་ནས་དྲ་ཐོག་ཏུ《སྲོལ་ཡིག》ལ་གསལ་འགྲེལ་དང“སྒྲིག་ཁྲིམས་དོན་ཚན་དྲུག”གི་དྲ་རྒྱའི་སློབ་ཚན་བཏོན་ཡོད། ཧོའེ་པེ་གྲོང་ཁྱེར་གྱིས《སྲོལ་ཡིག》གསལ་འགྲེལ་དེ་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་སོགས་གསོ་སྦྱོང་ནང་དོན་ལ་བཅུག་པ་དང་། ཐའེ་ཧོ་རྫོང་གིས《སྲོལ་ཡིག》“གཞི་རིམ་དུ་སྒྲོག་འགྲེལ་ཐེངས་བརྒྱ་བྱེད་པའི”བྱེད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་རྒྱ་ཁྱབ་ངང་སྒྲོག་འགྲེལ་བྱས་ཡོད།
ས་ཁུལ་ཁག་གིས་དམ་འཛིན་གཉིས་དང་སྐུལ་འདེད་གཉིས་མཐའ་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་གི་གཙོ་གནད་ལས་དོན་ལེགས་འགྲུབ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། གཡོ་ཟོལ་མེད་པའི་ཐོག་ནས་ཕྱི་ཚུལ་རིང་ལུགས་སྤངས་ནས་སྤྱོད་ཚུལ་བཟང་པོ་ལ་བརྟེན་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་འགན་ལེན་བྱས་ཡོད།
ཡུན་ནན་གྱིས“སློབ་སྦྱོང་གི་དམིགས་ཡུལ་ཚང་མ་བེད་སྤྱོད་ལ་ཐུག་པའི”ཕྱོགས་སྟོན་གསལ་པོ་བརྟན་པོར་བཙུགས་ནས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་ཡུན་ནན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ཟུང་འབྲེལ། སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་ཟབ་ཏུ་གཏོང་བ་དང་སྤྱི་འདོམས་བཅས་བྱས་ཏེ་ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་ཐུབ་པར་བྱས་ཡོད།
ཀན་སུའུ་ཡིས་ཞིང་ཆེན་རིམ་པའི་རིམ་ངོས་སུ་ཁྱབ་ཁོངས་དབྱེ་བའི་འབྲེལ་གཏུག་མཛུབ་ཁྲིད་ལམ་སྲོལ་བཙུགས་ནས། ཞིང་ཨུད་རྩ་འཛུགས་པུའི་ལས་བྱེད་ཁྲུའུ་ཁག་གིས་སྣེ་ཁྲིད་དེ་ཁོངས་གཏོགས་ཚན་པ་ཁག་ལ་འབྲེལ་གཏུག་མཛུབ་ཁྲིད་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤྱི་ཡོངས་ཀྱི་ཇུས་འགོད་དང་། གོང་འོག་འབྲེལ་མཐུད། མཛུབ་ཁྲིད་སྐུལ་འདེད་བཅས་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་དང་སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས་སློབ་སྦྱོང་ལ་སྤུས་ཚད་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱས་ཡོད།
སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ན་གསར་བརྗེར་རྒྱལ་ཁ་མི་ཐོབ་པ་མེད། ས་ཁུལ་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)