《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月16日

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྐང་འཛིན་པ་མང་པོ་གསོ་སྐྱོང་བྱེད་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཨེ་ནོ་དང་ཝུའུ་ཏན།

འདི་ལོའི་ཟླ་3ཚེས་18ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་གནང་བའི་ས་ཚིགས་དང་པོ་སྟེ། ཧུའུ་ནན་དགེ་འོས་སློབ་གླིང་དང་པོ(གྲོང་ལྷོ་རིག་གནས་འཆད་ཉན་ཁང་སློབ་ཁུལ)ཡིན་ཞིང་། ཁོང་གིས“ད་ཆ་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སླར་ཡང་འཕྲད་བཞིན་ཡོད་པ་དང་། རང་རྒྱལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས་དེང་རབས་ཀྱི་གཞོན་ནུ་སློབ་མ་རྣམས་དུས་སྐབས་དེ་དང་ཏག་ཏག་འཁེལ་ཡོད། དུས་སྐབས་དེར་ང་ཚོར་ཐུན་མོང་ཐོག་སློབ་གསོ་ཡག་པོ་གཉེར་བ་དང་སློབ་མ་གསོ་སྐྱོང་ཡག་པོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱེད་པའི་འགན་འཁྲི་དེ་བས་ཡོད”ཅེས་ནན་བཤད་གནང་བ་རེད།

བསླབ་བྱ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་རྒྱུན་མཐུད་ལག་བསྟར་བྱེད་དགོས།

ཧྲང་ཧའེ་རུ་ཕྱག་ལས་གནང་རིང་བློ་མཐུན་ཞི་ཅིན་ཕིང་ཞིང་པ་ལས་མིའི་བུ་ཕྲུག་གི་སློབ་གྲྭའི་ཕྲུ་གུ་ཚོར་གཟིགས་པར་ཕེབས་ཤིང་། 2010ལོར་ཕྲུ་གུ་ཚོས་ཀྲུང་དབྱང་དུ་ཕྱག་ལས་གནང་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་ཆེད་མངགས་འཕྲིན་ལན་སྤྲིངས་ནས་ཕྲུ་གུ་ཚོར“ལོ་ཆུང་ལ་ཕུགས་འདུན་ཡོད་ན་རྒྱལ་ཁབ་ལ་རེ་བ་ཡོད”ཅེས་སྐུལ་ལྕག་གནང་བ་རེད།

“མི་ཚེའི་ཆེས་གལ་འགངས་ཆེ་བའི་ཕུགས་འདུན་ནི་མེས་རྒྱལ་དང་མི་དམངས་དང་འབྲེལ་བ་དམ་ཟབ་བྱེད་དགོས་པ་དེ་ཡིན”2015ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྐབས་གདོང་ལེན་རུ་མི་ཚོར་མི་ཚེའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད།

“གཞོན་ནུ་ལོ་ཆུང་རྣམས‘གདེང་ཚོད་བཞི’ཡོད་པའི་ཕྲུ་གུར་དངོས་འབྲེལ་གསོ་སྐྱོང་བྱེད་དགོས”ཞེས་2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སློབ་གསོའི་ལས་དོན་པར་སྐུལ་ལྕག་དེ་ལྟར་གནང་བ་རེད།

སློབ་གསོ་ནི་རྒྱལ་ཁབ་དང་ཏང་གི་ཇུས་ཆེན་ཡིན། ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས“སློབ་གསོ་དེ་སྔོན་ཚུད་ཀྱི་གནས་བབ་ཐོག་འཇོག་དགོས”ཞེས་ནན་བཤད་གནང་བ་རེད།

1989ལོའི་དབྱར་སྟོད་ཀྱི་ཉིན་ཞིག་ལ་སྐབས་དེ་དུས་ཧྥུའུ་ཅན་ཉིང་ཏེ་ཧྥུའུ་ཨན་པན་ཀྲུང་ཧྲེ་རིགས་ཤང་ཏ་ལིན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ཀྲུང་ཐུང་ཏི་ཞིང་ནང་དུ་ལས་ཀ་བྱེད་བཞིན་ཡོད། རྒྱང་རིང་ནས་རྒྱུས་མངའ་དེ་ཙམ་མེད་པའི་མི་གསུམ་གྲོང་ཚོའི་ཕྱོགས་སུ་ཡོང་བ་མཐོང་། ཁོང་ཚོའི་དཀྱིལ་དུ་རྔུལ་ཆུས་འཚོས་པའི་ན་གཞོན་ཞིག་ཡོད་པ་དང་། ལས་རིགས་གཅིག་པའི་མིས་ཁོང་ནི་ས་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ཡིན་པ་དང་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་བྱེད་པར་ཕེབས་ཡོད་ཅེས་ངོ་སྤྲོད་བྱས།

གྲོང་ཚོའི་སློབ་ཆུང་དུ་ས་ཕག་ཁང་པ་རྙིང་པ་གཅིག་ལས་མེད་པ་དང་ཕྲུ་གུ་ཚོའི་གྱོན་ཆས་རྙིང་ཧྲུལ་ཡིན་པ་གཟིགས་སྐབས། བློ་མཐུན་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་མ་བྱུང་བ་དང་། ཡུན་རིང་མ་སོང་བར་བློ་མཐུན་ཞི་ཅིན་ཕིང་གིས་ཏ་ལིན་གྲོང་ཚོར་སྒོར་ཁྲི་6གཏོང་རྒྱུའི་ཆོག་མཆན་གནང་སྟེ་ལམ་བཟོས་པ་དང་སློབ་ཁང་བསྐྲུན་པ་རེད།

“ང་གྲོང་གསེབ་མི་ཉུང་བ་ཞིག་ལ་འགྲོ་མྱོང་། འོན་ཀྱང་སློབ་གྲྭའི་ཁང་པ་ཐབས་ཆག་འདི་ལྟ་བུ་ཡིན་པ་མཐོང་སྐབས་སེམས་ཧ་ཅང་སྐྱོ་པོ་འདུག” 1990ལོའི་ཟླ་2པར་བློ་མཐུན་ཞི་ཅིན་ཕིང་གིས《ང་ཚོས་སློབ་གསོ་ཇི་ལྟར་བྱས་ཏེ་ཡག་པོ་གཉེར་དགོས་སམ》ཞེས་པའི་རྩོམ་ཡིག་ནང“སློབ་གསོའི་གནད་དོན་ཐད་ནར་འགྱངས་གཏན་ནས་བྱེད་མི་རུང”ཞེས་བྲིས་གནང་ཡོད།

དེ་དང་འདྲ་བར་ནར་འགྱངས་བྱེད་མི་རུང་བ་ནི“ལོ་ངོ་ལྔ་སྟོང་རིང་གི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཕུལ་བྱུང་གི་བྱ་དངོས་བསྡུ་ལེན་བྱེད་མཁས་པོ་བྱེད་དང་དུས་མཚུངས་ནུབ་ཕྱོགས་ཤེས་དཔལ་གྱི་གྲུབ་འབྲས་ཀྱང་མི་དོར་བར”གཞོན་ནུ་ལོ་ཆུང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས་པ་དེ་ཡིན།

2018ལོར་པེ་ཅིང་སློབ་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲོགས་ཚོར་དཔེ་ཀློག་གི་མྱོང་བ་གླེང་སྐབས“དཔེ་ཀློག་བྱེད་རིང་རྒྱུན་ཆད་མེད་པར་བསྐྱར་དུ་ཞིབ་ལྟ་བྱས་པ་བརྒྱུད། ཚིག་ཐག་ཆོད་པ་དང་སྔ་དྲན་དེང་རྟོགས་བྱས་ཚེ་མར་ཁེ་སི་རིང་ལུགས་ནི་བདེན་དོན་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་ཀྱི་གདམ་ག་དང་ལོ་རྒྱུས་ཀྱི་གདམ་ག་ཡིན་པ། ང་ཚོས་བསྐྱོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པ་བཅས་ག་ལེར་ཚོར་ཐུབ། རང་ཉིད་ཀྱིས་བསམ་གཞིག་དང་ངོས་འཛིན་བྱས་ནས་བྱུང་བའི་སྡོམ་ཚིག་དེ་རིགས་བློ་བརྟན་འགྱུར་མེད་ཞིག་ཡོང་ཐུབ”ཅེས་གསུངས་པ་རེད།

2022ལོར་ཐའེ་ཧང་རི་ཁུལ་གྱི་ཕྲུ་གུ་འཛམ་གླིང་རིམ་པའི་གར་སྟེགས་ཐོག་འཛེགས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཧོ་པེ་ཞིང་ཆེན་ཧྥུའུ་ཕིང་རྫོང་གི་མ་ལན་ཧྭ་བྱིས་པའི་མཉམ་གཞས་ཚོགས་པའི་ཕྲུ་གུ་44ཡིས་ཀེ་རི་སེའི་སྐད་ཀྱི་ལམ་ནས་ཨོ་ལིམ་ཕིག་གི་གླུ་གཞས་བཏང་བ་རེད། སྙན་འཇེབས་ལྡན་པའི་གླུ་སྒྲས་འཛམ་གླིང་ལ་ཀྲུང་གོའི་ལོ་ཆུང་བྱིས་པའི་གྲུང་ཤ་དོད་པ་དང་བག་ཡངས་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

ན་གཞོན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དང་། ན་གཞོན་ཡར་ཐོན་བྱུང་ན་རྒྱལ་ཁབ་ཡར་ཐོན་ཡོང་ཐུབ།

2021ལོའི་ཟླ་7ཚེས་1ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་ཆུང་བྱིས་པ་ཚོའི་བྲང་ཁ་ནས་འོད་མདངས་བཀྲ་བའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་རྟགས་དང་སྐེ་དར་དམར་པོའི་བཀྲག་མདངས་འཚེར་ཞིང་། པེ་ཅིང་གི་མཐོ་སློབ་ཆེ་གྲས་ཁག་དང་སློབ་གྲྭ་འབྲིང་ཆུང་ནས་ཡོང་བའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་མི་སྟོང་གི་འཐུས་མིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། “ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེར་འགྲོ་བར་ང་ཡིས་འབད”ཅེས་པའི་དམ་བཅའ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གྲགས་ནས་དཔའ་ངར་ཆེར་སྐྱེད་ཀྱི་ལང་ཚོའི་སྟོབས་ཤུགས་མངོན་ཡོད།

“འབྱུང་འགྱུར་གཞོན་ནུར་དབང་། རེ་བ་གཞོན་ནུར་བཅོལ”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས“དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་ཀྲུང་གོ་བ་ཞིག་ཡིན་པའི་འདུན་པ་དང་། ལ་རྒྱ། གདེང་ཚོད་ཆེ་རུ་བཏང་སྟེ་དུས་རབས་དང་། དུས་བཟང་། ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་བཅས་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས”ཞེས་གསུངས་པ་རེད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)