འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་མཉམ་འབྲེལ་ཐོག《2024ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་དམིགས་བཙུགས་ལས་གནས་ཀྱི་འཆར་གཞི་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། རྒྱལ་ཡོངས་ནས་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་ཁྲི་3.7བསྡུ་རྩིས་ཡོད་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས“དམིགས་བཙུགས་ལས་གནས་ཀྱི་འཆར་གཞིའི”དགེ་རྒན་ལ་གླ་ཕོགས་རང་བཞིན་གྱི་ཁ་གསབ་མུ་མཐུད་སྤྲོད་རྒྱུ་ཡིན་ཞིང་། 2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་གྱི་གླ་ཕོགས་རང་བཞིན་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ་སྟེ། དབུས་རྒྱུད་ས་ཁུལ་དུ་ལོ་རེར་མི་རེར་ཆ་སྙོམས་སྒོར་ཁྲི་3.52ནས་སྒོར་ཁྲི་3.88བར་མཐོ་རུ་གཏོང་རྒྱུ་དང་ནུབ་རྒྱུད་ས་ཁུལ་དུ་སྒོར་ཁྲི་3.82ནས་སྒོར་ཁྲི་4.18བར་མཐོ་རུ་གཏོང་རྒྱུ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)