རང་རྒྱལ་གྱིས་རང་རྟེན་འཆར་འགོད་དང་བཟོ་སྐྲུན་བྱས་པའི་ཨེ་ཤེ་ཡའི་འཇོང་དབྱིབས་ཀྱི“མཚོ་ཐོག་སྣུམ་རླངས་ལས་སྣོན་བཟོ་གྲྭ”དང་པོ་སྟེ། “ཧའེ་ཁུའེ་ཨང་དང་པོ”འཕྱོ་གཡེང་རྣམ་པའི་རྡོ་སྣུམ་ཐོན་སྐྱེད་དང་། གསོག་འཇོག སྣུམ་འབེབས་སྒྲིག་ཆས་ཀྱི་རྒྱ་མཚོའི་རྡོ་སྣུམ་ལས་གྲྭ(ཆིང་ཏའོ)ཚད་ཡོད་ཀུང་སིར་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། “ཧའེ་ཁུའེ་ཨང་དང་པོ”ནི་ཀྲུའུ་ཅང་གཙང་པོའི་གཤོངས་སར་གནས་པའི་ལིའུ་ཧྭ་སྣུམ་ཞིང་ལ་སྤྱོད་རྒྱུ་ཡིན་ཞིང་། ཆུ་འབུད་ཚད་མང་ཤོས་ཏུན་ཁྲི་10དང་། སྣུམ་གསོག་ཚད་མང་ཤོས་ཏུན་ཁྲི་6ཟིན་པ་མ་ཟད། གྲུ་ཁར་ལོག་མི་དགོས་པར་མཚོ་ཐོག་ཏུ་བསྟུད་མར་ལོ་15འཁོར་སྐྱོད་བྱེད་ཆོག་གི་ཡོད།
འདི་ནི་ཟླ་5ཚེས་11ཉིན་པར་བླངས་པའི“ཧའེ་ཁུའེ་ཨང་དང་པོ”ཡིན་པ།