⇑ ཚེས་9ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མ་འཇོག་ཚོང་དོན་སྐུལ་སྤེལ་མཉམ་ལས་སྤེལ་རེས་ཚོགས་འདུ་དང་ཁེན་ནི་ཡའི་རྒྱལ་སྤྱིའི་མ་འཇོག་ཚོགས་ཆེན་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཡིག་ཁྲུའུ་དང་ཁེན་ནི་ཡའི་ཚོང་དོན་དང་མ་འཇོག་བཟོ་ལས་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་གཉེར་བའི་བྱེད་སྒོ་རབ་དང་རིམ་པའི་ས་ཚིགས་ཐོག་མ་དེ་རེད། ཉེ་ཆར་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་གཉེར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་ཨ་ཧྥེ་རི་ཁར་གཉེར་བའི་སྐོར་འགྲེམས་བྱེད་སྒོའི་ཐོག་ཀོག་ཧྥེ་འཚོང་བཞིན་པ།