ཉེ་ཆར། གོ་ལ་ཧྲིལ་པོའི“ཁས་ལེན་ངོས་འཛིན་ཐོབ་པའི་གཉེར་སྐྱོང་བ”(AEO)ཚོགས་ཆེན་སྐབས་དྲུག་པ་ཧྲེན་ཀྲེན་དུ་འགོ་ཚུགས་པ་རེད། སྐབས་འདིའི་ཚོགས་ཆེན་གྱི་དུས་ཡུན་ཉིན་3ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ནས་ཡོང་བའི་འཛམ་གླིང་གི་འགག་སྒོའི་རྩ་འཛུགས་ཀྱི་ཁོངས་མི་དང་དེ་བཞིན་འགག་སྒོ་ལས་ཁུངས་དང་། རྒྱལ་སྤྱིའི་རྩ་འཛུགས། AEOཁེ་ལས། རྒྱལ་ནང་གི་འབྲེལ་ཡོད་པུའུ་ཨུད། ས་གནས་སྲིད་གཞུང་། རྒྱལ་ཕྱི་རྒྱལ་ནང་གི་རིག་གཞུང་སྒྲིག་གཞི། ལས་རིགས་མཐུན་ཚོགས་སོགས་ཀྱི་འཐུས་མི་1200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། གོ་ལ་ཧྲིལ་པོའི་AEOཚོགས་ཆེན་ནི་AEOཁྱབ་ཁོངས་ཀྱི་རིམ་པ་མཐོ་ཤོས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཚོགས་འདུ་ཞིག་ཡིན་པ་དང་ལོ་གཉིས་རེར་སྐབས་རེ་འཚོག་གི་ཡོད། 2012ལོ་ནས་བཟུང་ཧན་གོ་དང་། སི་ཕེན། མོ་ཞི་ཁོ། ཝུ་ཀན་ཏ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་སྐབས་ལྔ་གཉེར་ཟིན་ཞིང་། ཚོགས་ཆེན་འདི་ད་ཐེངས་ཀྲུང་གོར་གཉེར་ཐེངས་དང་པོ་རེད། འདི་ནི་ཟླ་5ཚེས་8ཉིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་གོ་ལ་ཧྲིལ་པོའི་AEOཚོགས་ཆེན་སྐབས་དྲུག་པར་སྤེལ་རེས་བྱེད་བཞིན་པ།