ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་8ནས་11ཉིན་བར། ཕེ་རུ་མི་དམངས་སྟོབས་ཤུགས་ཏང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀྲོའུ་ཡིས་ཀྲུང་གུང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཕེ་རུར་འཚམས་འདྲི་ཞུས་ཤིང་། ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སུའོ་ཐུའོ་དང་། མི་དམངས་སྟོབས་ཤུགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཐུའོ་ལེ་སི། མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞི་ཝུའུ་མཱ་ལཱ་སོགས་དང་ཐུག་འཕྲད་གནང་བ་དང་ཆབས་ཅིག ཕེ་རུ་ཇུས་འདོན་ཚོགས་པའི་འགན་འཁུར་བ་དང་སྤེལ་རེས་བཞུགས་མོལ་ཡང་གནང་ནས། དུས་རབས་གསར་པ་ཤར་ཚུན་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱལ་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་གཏིང་ཟབ་གནང་བ་དང་། ཀྲུང་ཕེའི་སྲིད་ཏང་གི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་བསམ་འཆར་བརྗེ་རེས་ཀྱང་གནང་བ་རེད།
ཕེ་རུ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཛམ་གླིང་གི་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས། ཀྲུང་གོར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་བརྩི་འཇོག་དང་ཡིད་སྨོན་ཡང་བྱས་ཤིང་། ཀྲུང་གུང་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་ནས་ཕེ་ཀྲུང་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)