མིག་སྔར། ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་ཧྲང་ཧའེ་ནས་ཁྲུང་ཆིང་དང་། དེ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲང་ཧའེ་ནས་ནན་ཅིང་བར་གྱི་ལམ་དུམ་ཨར་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ནས་ལས་གྲྭ་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ཧྲང་ཧའེ་ནས་ཁྲུང་ཆིང་དང་། དེ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་ཧྲང་ཧའེ་དང་། ཅང་སུའུ། ཨན་ཧུའེ། ཧུའུ་པེ། ཁྲུང་ཆིང་། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་བརྒྱུད་ཅིང་། སྤྱིའི་ལམ་ཐག་རིང་ཚད་ལ་སྤྱི་ལེ་2100ཟིན་པ་དང་ལམ་ཐིག་ཧྲིལ་པོའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད་པས། རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་མ་ལམ་གྱི་གྲས་ཤིག་རེད། འདི་ནི་ཟླ་5ཚེས་11ཉིན་པར་བླངས་པའི་དབྱང་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་ཧྲང་ཧའེ་ནས་ཁྲུང་ཆིང་དང་། དེ་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧྲང་ཧའེ་ནས་ནན་ཅིང་བར་གྱི་ལམ་དུམ་འཛུགས་སྐྲུན་གྱི་རྣམ་པ་ཡིན་པ།