《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月14日

དངོས་མང་སྟོན་ཚོགས་ཀྱི་སྟེགས་བུ་བཤམས། ཁྱད་ལྡན་སྤུས་རྟགས་ཀྱི་བཀྲག་མདངས་འཚེར།

འདི་ནི་ཅང་ཤིས་ཅིང་ཏེ་ཀྲེན་འགྲེམས་སྟེགས་ཀྱི་ལས་དོན་པས(གཡས)ལྟ་སྐོར་བར་དཀར་ཆས་བཟོ་བའི་བརྒྱུད་རིམ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་ལྟ་སྐོར་བ་ཚོས་སི་ཁྲོན་གྱི་འགྲེམས་སྟེགས་མདུན་དུ་འཕྲུལ་མིའི་འཁྲབ་སྟོན་ལ་ལྟ་བཞིན་པ།

འདི་ནི་འཁྲབ་སྟོན་པས་ནང་སོག་ཨེར་ཏུའོ་སིའི་འགྲེམས་སྟེགས་ཀྱི་མདུན་དུ་ཞབས་བྲོ་འཁྲབ་བཞིན་པ།

ཧྲང་ཧའེ་རུ་གཉེར་བའི་ཀྲུང་གོའི་སྤུས་རྟགས་དངོས་མང་སྟོན་ཚོགས་ཀྱི་ས་གནས་འགྲེམས་ཁུལ་འདི་ཉིད་རྒྱལ་ཡོངས་ས་གནས་ཁག་གི་སྤུས་ལེགས་སྤུས་རྟགས་ཀྱི“གར་སྟེགས་ཆེན་པོ”ཞིག་ཏུ་གྱུར་ནས། ས་གནས་ཁག་གི་ཐོན་ལས་འཕེལ་རྒྱས་དང་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་ཐོན་རྫས་དང་རིག་གནས་དག་དེ་གར་ངོ་མཚར་ཆེན་པོས་མངོན་ཏེ་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོར་གཟི་བརྗིད་བསྣན་ཡོད།