གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་དྲ་མིག་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གིས་རྔ་ཆེན་གྲོང་ཚོ་ཚོད་ལྟའི་ས་ཚིགས་སུ་བདམས་ནས“ཨང་རྟགས”བཤེར་བའི་གོ་རིམ་ཆུང་ངུའི་སྤྱོད་སྟངས་གསར་གཏོད་དང་བེད་སྤྱོད་ཁྱབ་གདལ་བཏང་སྟེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཚན་རྩལ་གྱི་ནུས་སྤྲོད་བརྒྱུད། གཞི་རིམ་བཅོས་སྐྱོང་གི་ལས་ཀའི་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ནས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ཞིང་། འདི་ནི་རྔ་ཆེན་ཁྲོམ་གཞུང་གི་ལས་མིས་ཁོངས་གཏོགས་ཁུལ་གྱི་གྲོང་མིར“ཨང་རྟགས”བཤེར་བའི་གོ་རིམ་ཆུང་ངུའི་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།