ཟླ་5ཚེས་10ཉིན། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཀུའེ་དབྱང་ནས་ཕིང་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལཱ་སྨི་ཧོ་ཟམ་ཆེན་གྱི་ལྕགས་རྩིབ་བདེ་བླག་ངང་བསྒྲིགས་ཐུབ་པ་བྱུང་ཞིང་། ཟམ་ཆེན་དེ་ཀུའེ་ཀྲོའུ་ལྷོ་ཕྱོགས་ཀྱི་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཕིང་ཐང་རྫོང་གི་ཀྲེ་སྨི་གྲོང་རྡལ་དུ་གནས་པ་དང་། ཀུའེ་ཀྲོའུ་ནས་ཕིང་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་དཀའ་གནད་འགག་གནད་དང་ལྟེ་བའི་ལས་གྲྭ་ཞིག་རེད།